学会提问第11版和12版有什么区别(这些名词你弄通了没有)

发布日期:2024-12-22 03:52:44     作者:繁华一季     手机:https://m.xinb2b.cn/know/mki420477.html     违规举报





下面,日喀则市融媒体中心的小编用图文音向大家解释,大家记得听一听哦!

གཤམ་ལ་གཞིས་རྩེ་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་རྩོམ་སྒྲིག་པས་པར་རིས་དང་ཡི་གེ། སྒྲ་བཅས་གསུམ་ལ་བརྟེན་ནས་འགྲེལ་བཤད་བརྒྱབ་རྒྱུ་ཡིན་པས་ཚང་མས་མཉམ་དུ་གསན་རོགས་གནང་།

一、什么叫重点场所?

重点场所是指人员密集、空间密闭,容易发生聚集性疫情的场所,如车站、口岸、机场、码头、公共交通工具(汽车、火车、飞机和地铁)、物流园区、核酸检测点,农贸(集贸)市场、宾馆、商场超市、健身娱乐场所、理发洗浴场所、影剧院、体育场馆、图书馆、博物馆、美术馆、棋牌室、封闭游船、剧本杀、月子中心、商品展销与售后服务场所、会议中心、宗教活动场所等。




དང་པོ། གང་འདྲ་ཞིག་ལ་གཙོ་གནད་གནས་ཡུལ་ཟེར།

གཙོ་གནད་གནས་ཡུལ་ཟེར་བ་ནི་མི་འདུ་འཛོམས་ཆེ་བ་དང་དང་གུ་དོག་པ། འདུ་འཛོམས་ཀྱི་རྐྱེན་པས་ནད་ཡམས་གནས་ཚུལ་ལྷག་བདེ་བའི་ཡུལ། དཔེར་ན་རླངས་འཁོར་འབབ་ཚུགས། འགག་སྒོ། གནམ་གྲུ་འབབ་ཐང། གྲུ་ཁ། སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་༼རླངས་འཁོར་དང་མེ་འཁོར། གནམ་གྲུ་དང་ས་འོག་རི་ལི་༽དངོས་ཟོག་སྐྱེལ་འདྲེན་ཁུལ། ཉིང་སྐྱུར་ཞིབ་དཔྱད་ས་ཚིགས། ཞིང་ཟོག་(གཅིག་སྡུད་)ཁྲོམ་ར། མགྲོན་ཁང་། ཚོང་ར་དང་སྒོ་རྩིས་ཚོང་ཁང་། ལུས་སྦྱོང་སྤྲོ་གསེང་བྱ་ཡུལ། སྐྲ་བཞར་ལུས་འཁྲུ་བྱ་ཡུལ། གློག་བརྙན་ཁང་། ལུས་རྩལ་ཁང་། དཔེ་མཛོད་ཁང་། དངོས་མང་བཤམས་སྟོན་ཁང་། མཛེས་རྩལ་ཁང་། མིག་མངས་ཁང་། སྤྲོ་གསེང་གྲུ་གཟིངས། ཟློས་གར་རོལ་རྩེད། སྦྲུམ་མའི་ངལ་གསོའི་ལྟེ་གནས། ཚོང་ཟོག་འགྲེམས་སྟོན་དང་ཉོ་ཚོང་ཚར་རྗེས་ཀྱི་ཞབས་ཞུ་བྱེད་ས། ཚོགས་ར། ཆོས་ལུགས་བྱེད་སྒོ་སྤེལ་ས་སོགས་ལ་ཟེར།

二、什么叫重点机构?

重点机构是指维持社会正常运转或容易发生聚集性疫情的机构,包括党政机关、企业和事业单位、医疗机构、儿童福利领域服务机构、养老院、护理院、监管场所、高等学校、中小学校、托幼机构、培训机构、劳动密集型企业和工地等。




གཉིས་པ། གང་འདྲ་ཞིག་ལ་གཙོ་གནད་སྒྲིག་གཞི་ཟེར།

གཙོ་གནད་སྒྲིག་གཞི་ཟེར་བ་ནི་སྤྱི་ཚོགས་རྒྱུན་ལྡན་འཁོར་སྐྱོད་རྒྱུན་འཁྱོངས་དང་འདུ་འཛོམས་རང་བཞིན་གྱི་རིམས་ནད་བྱུང་སླ་བའི་སྒྲིག་གཞི། ཏང་སྲིད་ལས་ཁུངས། ཁེ་ལས་དང་བྱ་གཞག་ཚན་པ། སྨན་བཅོས་སྒྲིག་གཞི། བྱིས་པའི་ཕན་བདེའི་ཁྱབ་ཁོངས་ཀྱི་ཞབས་ཞུའི་སྒྲིག་གཞི། རྒན་གསོ་ཁང་། ནད་གཡོག་ཁང་། བཙོན་སྲུང་དོ་དམ་བྱ་ཡུལ། མཐོ་རིམ་སློབ་གྲྭ སློབ་གྲྭ་འབྲིང་ཆུང་། བུ་བཅོལ་ཁང་། གསོ་སྦྱོང་སྒྲིག་གཞི། ངལ་རྩོལ་འདུས་ཚད་ཆེ་བའི་ཁེ་ལས་དང་ལས་གྲྭ་སོགས་ཚུད་ཡོད་པར་ཟེར།

三、什么叫重点人群?

重点人群是指重点场所和重点机构的工作人员、感染风险较高或抵抗力较低的人群,包括医务人员,移民、海关、市场监管系统一线人员,警察、环卫工人、保安、保洁员,口岸交通运输从业人员、快递外卖人员、水电煤气等工作人员,居家隔离医学观察或居家健康监测人员、有本土疫情区域的援建人员、疫情防控工作人员、流浪乞讨人员、零散装修与建设施工人员, 老年人、慢性基础性疾病患者、孕妇、儿童、伤残人士等人群。




གསུམ་པ། གང་འདྲ་ཞིག་ལ་གཙོ་གནད་མི་ཚོགས་ཟེར།

གཙོ་གནད་མི་ཚོགས་ཞེས་པ་ནི་གཙོ་གནད་ཁུལ་དང་གཙོ་གནད་སྒྲིག་གཞིའི་ལས་དོན་མི་སྣ། འགོས་ཉེན་ཆེ་བ་ཡང་ན་ནད་འགོག་ནུས་པ་ཅུང་དམའ་བའི་མི་ཚོགས་ལ་ཟེར། དེའི་ནང་སྨན་དོན་མི་སྣ་དང་གནས་སྤོས་ཡུལ་མི། འགག་སྒོའི་ལས་མི། ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གི་འཐབ་ས་དང་པོའི་མི་སྣ། ཉེན་རྟོག་པ། ཁོར་ཡུག་སྲུང་སྐྱོང་ལས་མི། བདེ་སྲུང་བ། ཁོར་ཡུག་གཙང་སྦྲ་བྱེད་མཁན། འགག་སྒོའི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་སྒྲུབ་མི་སྣ། མྱུར་སྐྱེལ་དང་མངག་ཉོའི་ལས་དོན་མི་སྣ། ཆུ་གློག་སོལ་རླངས་སོགས་ཀྱི་ལས་དོན་མི་སྣ། ཁྱིམ་སྡོད་ལོགས་བཀར་གསོ་རིག་ལྟ་ཞིབ་དངཁྱིམ་སྡོད་་བདེ་ཐང་ཚད་ལེན་མི་སྣ། ས་གནས་དེ་གའི་ནད་ཡམས་ཁུལ་དུ་ཡོད་པའི་རོགས་སྐྱོར་མི་སྣ། རིམས་ནད་འགོག་སྡོམ་གྱི་ལས་དོན་མི་སྣ། སློང་མཁན། ཉམས་བཟོ་དང་ཨར་སྐྲུན་གྱི་ལས་དོན་མི་སྣ། རྒན་རྒོན། གཅོང་ནད་ཕོག་པའི་ནད་པ། སྦྲུམ་མ། བྱིས་པ། རྨས་མ་དང་དབང་སྐྱོན་མི་སྣ་སོགས་ཚུད་ཡོད།

四、什么叫三区两通道?

三区两通道是指集中隔离场所中,三区指隔离区域、工作准备区(生活区与物资保障区)和缓冲区等,不同区域之间应有严格分界, 需采取物理隔断方式进行隔离,并设置明显标识;两通道指工作人员通道和隔离人员通道。两通道不能交叉,尽量分布在场所两端,并设置明显标识。




བཞི་པ། གང་འདྲ་ཞིག་ལ་ཁུལ་གསུམ་དང་འགྲོ་ལམ་གཉིས་ཟེར།

ཁུལ་གསུམ་དང་འགྲོ་ལམ་གཉིས་ཞེས་པ་ནི་གཅིག་སྡུད་ལོགས་བཀར་བྱ་ཡུལ་གྱི་ནང་ཁུལ་ལ་ཟེར་བ་དང་། ཁུལ་གསུམ་ནི་ལོགས་བཀར་ཁུལ་དང་ལས་དོན་མི་སྣའི་གྲ་སྒྲིག་ཁུལ།༼འཚོ་བའི་ཁུལ་དང་དངོས་ཟོག་འགན་ལེན་ཁུལ།༽ དལ་བགྲོད་ཁུལ་བཅས་ཡིན། ཁུལ་མི་འདྲ་བ་སོ་སོའི་དབར་དབྱེ་མཚམས་ནན་པོ་དགོས་པ་དང་དངོས་ཁམས་ལོགས་དབྱེའི་ཐབས་ལམ་བརྒྱུད་ནས་ལོགས་བཀར་བཞག་དགོས་པ་མ་ཟད། མངོན་གསལ་དོད་པའི་མཚོན་རྟགས་བསྒར་དགོས། འགྲོ་ལམ་གཉིས་ནི། ལས་དོན་མི་སྣའི་འགྲོ་ལམ་དང་ལོགས་བཀར་མི་སྣའི་འགྲོ་ལམ་གཉིས་ཡིན། འགྲོ་ལམ་གཉིས་ཕན་ཚུན་འདྲེས་མི་ཆོག་པ་དང་གནས་ཡུལ་སྣེ་གཉིས་ལ་བཀོད་སྒྲིག་བྱེད་པ་མ་ཟད་མངོན་གསལ་དོད་པའི་མཚོན་རྟགས་བསྒར་དགོས།



紧紧依靠人民群众 坚决打赢疫情防控阻击战

མི་དམངས་མང་ཚོགས་ལ་དམ་པོར་བརྟེན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།


来源:青稞视界

 
 
本文地址:https://xinb2b.cn/know/mki420477.html,转载请注明出处。

推荐图文
推荐经验知识
网站首页  |  关于我们  |  联系方式  |  使用协议  |  版权隐私  |  网站地图  |  违规举报  |  蜀ICP备18010318号-4  |  百度地图  | 
Processed in 0.084 second(s), 1 queries, Memory 2.46 M